བསྟན་འཛིན་སྒྲོལ་དཀར་ལགས་ནི་ཕྱི་ལོ་ ༢༠༢༢ ལོར་ (CMR) གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཁྲིམས་ལུགས་རིག་པའི་ཐོག་ཞིབ་འཇུག་སློབ་མ་མཐར་ཕྱིན་པ་དང་། དེ་སྔ་མོན་གྷོ་གཏན་སློབ་གཉེར་གནང་བ་མ་ཟད་ཕྱི་ལོ་ ༢༠༡༧ ལོར་བུ་མོ་ལེགས་ཤེས་ཀྱི་བྱ་དགའ་གཟེངས་རྟགས་ཐོབ་། ཁོང་གིས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་ཁུངས་མང་པོའི་འོག་ཏུ་དངོས་སྦྱོར་ལས་གཉེར་གནང་ཞིང་།

བཙན་བྱོལ་བོད་མིའི་ཁྱིམ་ཚང་ཁག་ནང་དྲག་ཤུགས་དང་། འགྲོ་བ་མིའི་ཐོབ་ཐང་། རྩ་ཁྲིམས་ཀྱི་གཏན་འབེབས་བཅས་ཚུད་པའི་འདོད་ཚུལ་འཛིན་མཁན་མང་པོའི་ནང་ལས་ཀ་བྱེད་མྱོང་ཡོད་། ཁོང་གིས་ད་དུང་རྒྱ་གར་གྱི་བཅའ་ཁྲིམས་ཀྱི་བྱ་སྤྱོད་དང་གཏན་འབེབས་མང་པོར་ཞིབ་འཇུག་བྱས་། ཁོང་གི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པར་ཁྲིམས་རྩོད་པའི་གོ་གནས་བླངས་ཡོད་།

 

(Visited 1 times, 1 visits today)