བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བློ་བཟང་གྲགས་པ་ལགས་ཚོགས་པ་ནས་རྩ་དགོངས་ཞུས་པས། ཁྲིམས་རྩོད་པ་བསྟན་འཛིན་བདེ་ཆེན་ལགས་ཚོགས་པའི་ཚོགས་གཙོ་གསར་པར་བསྐོ་བཞག་གནང་ཡོད། ཚོགས་པ་འདི་ཉིད་ནི་བོད་ཀྱི་ལོ་རྒྱུས་ནང་ཁྲིམས་ལུགས་ཁྱད་ལས་གཙོ་གཉེར་གྱི་ཁྲིམས་ལུགས་ཚོགས་པ་ཐོག་མ་དེ་ཡིན།
དེ་ཡང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་འདི་ཉིད་ཕྱི་ལོ་ ༢༠༡༤ ལོ་ཁྲིམས་མཐུན་དེབ་སྐྱེལ་བྱས་པ་དང་། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། ཚོགས་པ་འདིས་ད་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཁྲིམས་ལུགས་ཀྱི་གོ་རྟོགས་ཐེངས་༢༡ལྷག་སྤེལ་ཡོད་པ་མ་ཟད།བོད་མི་༢༥༠༠ལྷག་ལ་ཐུགས་ཕན་གསོལ་པའི་ཁྲིམས་ལུགས་ཤེས་བྱའི་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད། བོད་མི་༧༠༠ མ་ཟིན་ཙམ་ལ་ཁྲིམས་དོན་དཀའ་ངལ་སེལ་ཡོད་པས་མང་ཚོགས་ཀྱི་ཡི་རངས་བསྔགས་བརྗོད་ཞུ་སའི་ཚོགས་པ་ཚད་ལྡན་ཞིག་ཏུ་གྱུར་ཡོད།

དེ་རིང་ཚོགས་པའི་ལས་ཁུངས་སུ་གཞུང་འབྲེལ་ཚོགས་གཙོ་གསར་བསྐོའི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད། རྟེན་འབྲེལ་གྱི་བྱེད་སྒོའི་ཚུལ་དུ་འབྲས་བསིལ་དང་གསོལ་ཇ་འདེགས་བཅག་གིས་མཛད་སྒོའི་ཐོག ཚོགས་གཙོ་ཟུར་པ་བློ་བཟང་གྲགས་པ་ལགས་ཀྱི་འདས་མ་འོངས་ད་ལྟ་སོགས་ཚོགས་པའི་ལས་དོན་གནང་ཕྱོགས་སྐོར་གྱི་བཀའ་སློབ་བཟང་མོ་གནང་པ་དང་། ཚོགས་གཙོ་གསར་པ་བསྟན་འཛིན་བདེ་ཆེན་ལགས་ཀྱིས་ཚོགས་ཟུར་བློ་བཟང་གྲགས་པའི་ཕྱག་ལས་ལ་ཚད་མཐོའི་གདེང་འཇོག་དང་ཡི་རངས་བསྔགས་བརྗོད་ཞུས་པ་མ་ཟད། མ་འོངས་པར་ཚོགས་པའི་ལས་དོན་བྱེད་སྒོ་མཐའ་དག་ལ་བཀའ་སློབ་ལམ་སྟོན་གནང་སྐྱོང་ཡོང་པའི་རེ་བསྐུལ་ཀྱང་ཞུས་ཡོད།

དེ་ནས་ཚོགས་ཟུར་དང་ཚོགས་གཙོ་གཉིས་ཕན་ཚུན་མཇལ་དར་ཕུལ་རེས་གནང་པ་དང་། ཁྲིམས་རྩོད་པ་བསྟན་འཛིན་བདེ་ཆེན་ལགས་ལ་ཚོགས་ཟུར་ལགས་ནས་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཞུས་ཐོག་ཚོགས་གཙོ་གསར་པ་ནས་དངོས་སུ་ལས་ཁུངས་ཀྱི་འཛིན་སྐྱོང་ལས་དོན་ཐོག་

(Visited 1 times, 1 visits today)