ལྡི་ལིའི་མངའ་སྡེ་བློན་ཆེན་སྐུ་ཞབས་ཨ་ཝེན་ཀི་ཅི་ཝ་མཆོག་གིས་རེས་གཟའ་མིག་དམར་ཉིན་གསལ་བསྒྲགས་གནང་དོན་ལྟར་ན། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༨ ནས་ལྡི་ལི་མངའ་སྡེ་ཡོངས་ལ་དགོང་མོ་ཕྱག་ཚོད་ ༡༠ པ་ནས་ཞོགས་པའི་ཕྱག་ཚོད་ ༥ པའི་དབར་ཁྱིམ་སྡོད་བཀའ་རྒྱ་གཏོང་རྒྱུ་ཡིན་པ་རེད།

ཁོང་གི་གསུང་དོན་ལྟར་ན། ད་ཐེངས་ཀྱི་ཁྱིམ་སྡོད་བཀའ་རྒྱ་དེ་ནི་གཙོ་བོར་དེང་སང་ཏོག་དབྱིབས་ནད་དུག་འཕེར་འགྱུར་ཕྱིན་པའི་ནད་རིགས་སྔོན་འགོག་དང་མི་དམངས་ཀྱི་འཕྲོད་བསྟེན་བདེ་འཇགས་ཆེད་དུ་ཡིན་པ་དང་། སྤྱི་ཚོགས་ཀྱི་འཕྲོད་བསྟེན་བདེ་འཇགས་ཆེད་གཉེན་སྒྲིག་གི་མཛད་སྒོ་དང་འདས་གྲོངས་ཀྱི་མཛད་སྒོ་སོགས་ལ་མི་དམངས་ ༢༠ ལས་འཛོམས་མི་ཆོག་པ་དང་། སློབ་གྲྭ་དང་ཤེས་ཡོན་སློབ་གསོ་སྡེ་ཁག་རྣམས་གནས་སྐབས་སྒོ་རྒྱག་རྒྱུ། ས་འོག་འགྲིམ་འགྲུལ་ནང་གི་མི་དམངས་ཕྱད་ཀ་ཉུང་དུ་གཏོང་རྒྱུ་བཅས་རེད་འདུག

ཁོང་གིས་མི་དམངས་རྣམས་ཀྱིས་རང་འགན་རང་འཁུར་ཐོག་བཀའ་རྒྱ་ནང་དོན་ལྟར་དོན་འཁྱོལ་ལག་བསྟར་ཐུབ་པ་གནང་གལ་ཡིན་པ་དང་། མི་ཚང་མས་རང་ཉིད་དང་གཞན་གྱི་འཕྲོད་བསྟེན་བདེ་སྲུང་ཆེད་ཁ་རས་གཙོས་རེམས་ནད་འགོག་ཐབས་ལ་འབད་བརྩོན་བྱེད་དགོས་སྐོར་གསུངས་འདུག

(Visited 1 times, 1 visits today)