བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་འདི་ཉིད་ནས་ལོ་ལྟར་བོད་པ་དང་ཕྱི་རྒྱལ་བའི་ཁྲིམས་ལུགས་སློབ་མ་རྣམས་ལ་ཉམས་མྱོང་གསོག་སྦྱོང་གི་གོ་སྐབས་ཕུལ་བཞིན་ཡོད་པ་ལྟར། རྒྱ་གར་ལྷོ་ཕྱོགས་རེ་བ་ཁྲིམས་ལུགས་མཐོ་སློབ་དུ་སློབ་གཉེར་བྱེད་བཞིན་པའི་རིན་ཆེན་སྐྱིད་ལགས་ཟླ་གཅིག་རིང་འདི་གར་ལས་ཁུངས་སུ་ཉམས་གསོག་བྱེད་ཀྱི་ཡོད།

རིན་ཆེན་སྐྱིད་ལགས་ནི་བོད་ཁྱིམ་སློབ་གྲྭ་སློབ་སྦྱོང་བྱས་ནས། འཛིན་རིམ་བཅུ་གཉིས་སློབ་མཐར་སོན་རྗེས། རྒྱ་གར་ལྷོ་ཕྱོགས་བྷེན་ལོར་གྲོང་ཁྱེར་དུ་གཏན་གཞི་བྱེད་པའི་རེ་བ་ཁྲིམས་ལུགས་མཐོ་སློབ་དུ་ཁྲིམས་ལུགས་རབ་འབྱམས་པའི་སློབ་གཉེར་གནང་འགོ་བརྩམས། ད་ལྟ་ཁོང་ནི་ལོ་རིམ་ལྔ་པའི་སློབ་མ་ཡིན། རྒྱ་གར་གྱི་ཁྲིམས་ལུགས་མཐོ་སློབ་ཚོའི་འགྲོ་སྟངས་ནི། ཁྲིམས་ལུགས་རབ་འབྱམས་པ་ལོ་ལྔ་དང་། ཁྲིམས་ལུགས་གཙུག་ལག་རབ་འབྱམས་པ་ལོ་གཉིས་སམ་ལོ་གཅིག་ཡིན། རྒྱ་གར་དུ་སྙན་གྲགས་ཡོད་པའི་ཁྲིམས་ལུགས་མཐོ་སློབ་ནང་གཙུག་ལག་རབ་འབྱམས་པའི་སློབ་ཡུན་ནི་ལོ་གཅིག་ཡིན་པ་ལས། དེ་མིན་ཕལ་ཆེར་ལོ་གཉིས་ཡིན།

(Visited 1 times, 1 visits today)