བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཁྲིམས་དོན་དཀའ་ངལ་སེལ་པ་དང་ཁྲིམས་ལུགས་གོ་རྟོགས་སྤེལ་བའི་ཚོགས་པ་མཐོ་མ་དེ་ཆགས་ཡོད་པ་དང་། ཚོགས་པ་འདིས་ད་བར་བོད་མི་བརྒྱ་ཕྲག་མང་པོར་ཁྲིམས་དོན་དཀའ་ངལ་སེལ་ཡོད་པ་དང་། བོད་མི་སྟོང་ཕྲག་མང་པོར་རྒྱལ་སྤྱིའི་ཁྲིམས་ལུགས་དང་། རྒྱ་གར་ཡུལ་ཁྲིམས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་ལ་གོ་རྟོགས་སྤེལ་ཡོད་པ་རེད།

ཚོགས་པ་འདིས་དམིགས་ཡུལ་གཞན་ཞིག་ནི་རྒྱ་གར་ཁྲིམས་རྩོད་པ་དང་མཐོ་སློབ་སོགས་ལ་འབྲེལ་བ་དམ་གཟབ་བྱེད་དེ་གཙོ་བོར་བོད་ཀྱི་འཐབ་རྩོད་འདི་ཉིད་ཁྲིམས་ལུགས་གཞི་བཞག་རྩོད་རྒྱུ་དང་། རྒྱ་གར་ཁྲིམས་ལུགས་རིག་པ་བ་དང་ཁྲིམས་རྩོད་པ། ཁྲིམས་ལུགས་མཐོ་སློབ་ཀྱི་སློབ་དཔོན་སོགས་ནས་བོད་ཀྱི་འཐབ་རྩོད་ལ་ཕྱག་རོགས་གང་ཐུབ་ཞུ་སྐུལ་བྱེད་རྒྱུ་དེ་ཡིན་པ་རེད། ཟླ་འདིར་སྦེན་ལོར་ཡན་ལག་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ངོས་ནས་རྒྱ་གར་ལྷོ་ཕྱོགས་སུ་གཏན་གཞི་བྱེད་པའི་ BMS ཁྲིམས་ལུགས་མཐོ་སློབ་ལ་ཐུགས་རྗེ་ཆེ་ཞུས་པ་དང་མ་འོངས་པར་བོད་མི་གང་མང་ལ་སློབ་འཇུག་གོ་སྐབས་གནང་པར་རེ་སྐུལ་ཞུས་ཡོད་པ་རེད།

(Visited 1 times, 1 visits today)