སྤྱི་སྤྱོད་གསང་སྤྱོད་དུ་བུད་མེད་ལྟ་སྲུང་བ་བསྐོ་གཞག

post

  ཉེ་ཆར་རྒྱ་གར་བྷོམ་བྷེ་གྲོང་ཁྱེར་ཁྲིམས་ཁང་ནས་བཀོད་ཁྱབ་བཏང་དོན་ལྟར་ན། གྲོང་ཁྱེར་སྤྱི་སྤྱོད་གསང་སྤྱོད་དུ་བུད་མེད་ལྟ་སྲུང་བ་རེ་བསྐོ་གཞག་གནང་དགོས་པ་དང་། དེ་ནི་གཙོ་བོར་བུད་མེད་བྱིས་པ་དང་ན་གཞོན་གཙོས་བུད་མེད་རྣམས་ལ་སྐྱེ་པ་ཚོས་འཁྲིག་སྦྱོར་གྱི་བྱ་ངན་སྤེལ་རྒྱུ་བཀག་སྡོམ་བྱེད་ཆེད་རེད་འདུག

བཟའ་ཚང་དབར་བཙན་གཡེང་གི་གནས་སྟངས་བྱུང་སྲིད་དམ།

post

དུས་རབས་ཀྱི་འགྱུར་བ་དང་མཉམ་དུ། མི་རྣམས་ཀྱིས་གནས་ཚུལ་མང་པོའི་ཐེབས་ཀྱི་ལྟ་ཚུལ་དང་ལམ་ཕྱོགས་འཛིན་ཚུལ། ཁྲིམས་ལུགས་ཀྱི་ལྟ་གྲུབ་གང་རུང་ལས་བྱུང་བའི་སྒྲིག་གཞི་བཅས་ལ་མཐོང་ཚུལ་དང་། བསམ་ཚུལ་སོགས་མི་འདྲ་བ་མང་པོ་བྱུང་དང་འབྱུང་བཞིན་ཡོད་པ་རེད།ཉེ་བའི་ཆར་རྒྱ་གར་གྱི་སྤྱི་ཚོགས་དང་ཁྲིམས་ལུགས་རིག་པ་བ། ད་དུང་ཁྲིམས་དཔོན་སོགས་ཀྱི་ནང་བཟའ་ཚང་དབར་བཙན་གཡེང་གི་གནས་སྟངས་ཡོང་ཏེ་བཟའ་ཟླ་གང་རུང་ལ་ཉེས་ཁྲིམས་གཅོད་ཆོག་གི་ཡོད་མེད་ཐད་བགྲོ་གླེང་འགྲོ་མུས་རེད་ལ།

ཁྲིམས་དོན་དཀའ་སེལ་གྱི་ཞབས་ཞུ།

post

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་འདི་ཉིད་ཁྲིམས་མཐུན་དེབ་བསྐྱེལ་བྱས་པ་ནས་ད་ལྟའི་བར། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བོད་མི་རྣམས་ལ་ཁྲིམས་དོན་གྱི་དཀའ་ངལ་ཡོད་རིགས་དང་། ཁྲིམས་དོན་ཤེས་བྱ་སོགས་ཀྱི་གོ་རྟོགས་སྤེལ་རྒྱུ། ནང་མིའི་བར་རྩོད་རྙོག་མདུང་སྒྲིལ་བྱེད་རྒྱུ། དེ་མིན་ཁྲིམས་མཐུན་གྱི་ཡིག་ཆ་དང་དགོས་མཁོའི་ལས་དོན་རྣམས་ཀྱི་ཐད་ལ་ཞབས་ཞུ་གང་ཐུབ་བྱས་དང་བྱེད་མུས་ཡིན།

སྐྱབས་རྗེ་སླེ་ལུང་མཆོག་སྤྲུལ་རིན་པོ་ཆེ་ལ་ཐུགས་རྗེ་ཆེ་ཞུ།

post

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ཕྱི་ལོ་༢༠༡༣ ལོར་གསར་འཛུགས་གནང་། ཚོགས་པ་འདི་ནི་བོད་ཀྱི་ལོ་རྒྱུས་ནང་བོད་མིའི་ཁྲིམས་ལུགས་རིག་པ་བ་རྣམས་ཀྱི་ཁྱད་ལས་དང་བསྟུན་བཙུགས་པའི་ཁྲིམས་ལུགས་ཚོགས་པ་དང་པོ་དེ་ཡིན།

ཚང་མར་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ།

post

གནམ་ལོ་གསར་ཚེས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་མི་ཚང་མའི་ངོས་ནས་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ལ་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ། ལོ་གསར་པའི་ནང་ཚང་མ་སྐུ་གཟུགས་གསལ་ཐང་དང་བྱ་བ་ལམ་འགྲོ་ཡོང་པར་སྨོན་འདུན་ཞུ།