བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནི་ཕྱི་ལོ་ ༢༠༡༣ ལོར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་བོད་མིའི་ཁྲིམས་ལུགས་རིག་པ་བ་རྣམས་ཀྱིས་གསར་བཙུགས་གནང་ཡོད་པ་དང་། དེ་ནས་ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་དེབ་བསྐྱེལ་ཁྲིམས་ལུགས་འོག་ཁྲིམས་མཐུན་དེབ་བསྐྱེལ་བྱས་ཡོད་པ་རེད། དེ་ནས་ཕྱི་ལོ་ ༢༠༡༦ ལོ་ནས་དྷ་རམས་སར་ལས་ཁུངས་འཛུགས་ནས་བཙན་བྱོལ་བོད་མི་རྣམས་ལ་ཁྲིམས་དོན་གྱི་དཀའ་ངལ་ཡོད་རྒུ་སེལ་ཐབས་ལ་རོགས་རམ་བྱས་འགོ་བརྩམས་པ་རེད།
ལས་ཁུངས་ཟིན་ནས་ད་བར་ལོ་གཉིས་ཙམ་གྱི་དུས་ཡུན་རིང་། ཚོགས་པ་འདིས་བོད་མི་གྲངས་ ༣༠༠ ལྷག་ལ་རོགས་རམ་བྱས་ཡོད་པ་དང་། བོད་མི་མང་པོའི་ཁྲིམས་དོན་དཀའ་ངལ་གང་མང་སེལ་ཐུབ་པ་བྱུང་ཡོད། ད་ལྟའི་ཆར། ཚོགས་པའི་ལས་ཁུངས་སུ་བོད་མི་མང་དུ་མང་དུ་འགྲོ་བཞིན་ཡོད་པ་དང་། བོད་མི་རྣམས་ཀྱི་བསྔགས་བརྗོད་བྱས་དང་བྱེད་མུས་ཀྱི་གནས་སུ་འགྱུར་ཡོད།
(Visited 1 times, 1 visits today)