བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནི་བོད་ཀྱི་ལོ་རྒྱུས་ནང་། ཁྲིམས་ལུགས་ཆེད་ལས་ཉར་བའི་ཚོགས་པ་དང་པོ་དེ་ཡིན། ཕྱི་ལོ་ ༢༠༡༦ ལོར་བཞུགས་སྒར་དྷ་རམ་སར་དངོས་སུ་ལས་ཁུངས་བཙུགས་ནས་ད་བར། ཚོགས་པ་འདིས་བོད་མི་གཞིས་ཆགས་ཁག་དང་དགོས་སྡེ་སློབ་གྲྭ་ཁག་ལ་ཁྲིམས་ལུགས་ཀྱི་གོ་རྟོགས་འདྲ་མིན་སྤེལ་ཡོད་པ་རེད།
ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༥ ཉིན། ཚོགས་པ་འདིའི་ལྷོ་ཕྱོགས་ཡན་ལག་ཚོགས་པ་ནས། བོད་ཁྱིམ་བྷེ་ལ་ཀོ་པེ་ལ་ཁྲིམས་ལུགས་གོ་རྟོགས་སྤེལ་བའི་ལས་འགུལ་ཞིག་བརྩམས་ཡོད་པ་རེད། ཚོགས་མི་རྣམ་པས་དགེ་སློབ་གྲངས་༢༠༠ ཙམ་ལ་དགོས་མཁོའི་ཁྲིམས་ལུགས་ཀྱི་ཤེས་བྱ་ཐད་གོ་རྟོགས་སྤེལ་པ་དང་། དྲི་བ་དྲི་ལན་དང་བགྲོ་གླེང་གནང་ཡོད།
སློབ་གྲྭའི་དགེ་སློབ་ཡོངས་ནས་ཡི་རངས་དང་བསྔགས་བརྗོད་གནང་ཡོད་པ་མ་ཟད། མ་འོངས་པར་འདི་ལྟར་ལས་འགུལ་གང་མང་བརྩམ་ཐུབ་པར་རེ་སྐུལ་ཡང་ཞུས་ཡོད།
(Visited 1 times, 1 visits today)